您的位置:首页 > 新闻动态 > 通知公告
རྐང་ཚ་རྫོང་སྤྱི་བདེ་ཅུས་
བྱ་ངན་སྤྱོད་ངན་སྤེལ་མཁན་གྱི་ཁྲིམས་འགལ་ཁུངས་སྣེ་ཐེར་འདོན་བྱེད་པར་བྱ་དགའ་སྟེར་བའི་བསྒྲགས་ཡིག
刚察县公安局
关于检举揭发黑恶势力违法犯罪线索的通告
来源:刚察县公安局 རྐང་ཚ་རྫོང་སྤྱི་བདེ་ཅུའུ།    时间:2018年01月29日    

    ཏང་གི་ཚོགས་ཆེན་བཅུ་དགུ་བའི་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གལ་ཆེའི་མཛུབ་སྟོན་བསམ་བློ་ལག་ལེན་དོན་འཁྱོལ་ཡོང་བ་དང་། མི་དམངས་ཀྱི་གཏན་བདེའི་འཚོ་བར་འགན་སྲུང་བྱེད་པ།རྒྱལ་ཁབ་ཡུན་རིང་ལ་བརྟན་འཇགས་ཡོང་བ།སྔར་ལས་ལྷག་པར་ཏང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་ཀྱི་ཆེད་དུ།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼རྩུབ་སྤྱོད་རྩ་མེད་དང་ངན་སྤྱོད་གཙང་སེལ་བྱེད་པའི་ཆེད་དོན་འཐབ་རྩོད་སྐོར་གྱི་བརྡ་སྦྱོར༽གྱི་བརྡ་སྦྱོར་བླངས་བྱ་ལྟར།ངེད་ལས་ཁུངས་ཀྱི་ཏང་ཨུའི་མགོ་ཁྲིད་རྣམས་ཀྱིས་ཚད་མཐོའི་གཙིགས་མཐོང་དང་མྱུར་དུ་བཀོད་སྒྲིག་བྱ་བའི་ཚོགས་འདུ་བསྡུས་ནས་ཐག་བཅད་དེ།དེ་རིང་ནས་བཟུང་རང་རྫོང་གིས་ཕྱོགས་ཡོངས་ནས་"བྱ་ངན་སྤྱོད་ངན་ལ་རྒོལ་བའི་"འགུལ་སྤྱོད་སྤེལ་མགོ་ཚུགས་པས།རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་ཀྱིས་བྱ་ངན་སྤྱོད་ངན་སྤེལ་མཁན་གྱི་ཁྲིམས་འགལ་ཁུངས་སྣེ་ཐེར་འདོན་བྱེད་པར་སྟོབས་ཤུགས་འབུལ་དགོས་ཏེ།རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ།སྲིད་ཇུས་ལྟར་དུ་བཀོད་པའི་སྤྱི་བསྒྲགས་ཀྱི་ནང་དོན་གཤམ་གསལ་ལྟར།

为深入贯彻落实党的十九大部署和习近平总书记重要指示精神,保障人民安居乐业、社会安定有序、国家长治久安,进一步巩固党的执政基础,根据党中央、国务院发出《关于开展扫黑除恶专项斗争的通知》通知要求,我局党委高度重视,立即召开安排部署会议,研究决定从即日起在全县范围内开展扫黑除恶专项斗争,请广大人民群众踊跃检举揭发黑恶势力违法犯罪线索,根据国家有关法律、法规和政策,现将有关事宜通告如下:

ཞུ་གཏུག་ཁྱབ་ཁོངས།

举报范围:

   ཤང་གྲོང་དང་ཞིང་སྡེ། འབྲོག་ཁུལ། གཏེར་ཁ་སོགས་སུ་བཙན་བཟུང་དང་སྦྱོར་ངན་སྤེལ་པ། མང་ཚོགས་ལ་གཉའ་གནོན། ས་གནས་ཀྱི་སྤྱི་ཚོགས་བདེ་འཇགས་ལ་གནོད་པ་ཚབས་ཆེན་བཟོ་བ།མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་། ས་གནས་བཅོས་བསྒྱུར་སྒོ་འཕྱེད་བྱེད་པར་བར་ཆད་གཏོང་བ་སོགས་ཀྱི་ཁྱིམས་འགལ་མི་སྣའི་མགོ་དཔོན་དང་རྐང་འཛིན་པ། གཞན་ཡང་དྲག་ཤུགས་ཀྱིས་འཇིགས་སྐུལ་བ་སོགས་ཀྱི་ཁྲིམས་མཐུན་མིན་པར་ཁེ་ཕན་རེག་པའི་"སྡེ་བའི་བཙན་བདག"

1、在城镇、农村、牧区、矿山称霸一方、作恶多端、欺压百姓、严重危害地方社会治安,破坏人民群众正常生产、生活秩序、阻碍地方改革开放的违法犯罪恶势力的头目、骨干,或以暴力相威胁等非法手段获取利益的“村霸村痞”。

གཞི་རིམ་གྱི་སྲིད་དབང་བེད་སྤྱད་དེ་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞི་རྩའི་རྣམ་གྲངས་འཛུགས་སྐྲུན་དང་ཁྲིམས་མཐུན་མིན་པའི་བཟོ་བསྐྲུན་བསྡུ་བ་དང་འཛུགས་བསྐྲུན་བྱེད་པར་བཀག་འགོག་དང་བུན་དབང་བཙན་གཉེར། ཉོ་འཚོང་བཙན་སྐུལ། ཁྲིམས་མཐུན་མིན་པར་ཚོང་ལས་སྒེར་སྤྱོད་དང་"སྲུང་སྐྱོབ་དངུལ་"བསྡུ་བ་སོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཁོར་ཡུག་ལ་གནོད་པའི་ངན་རེངས་ཕྱོགས་ཀྱི་སྟོབས་ཤུགས།

2、把持、操纵基层政权,插手国家和省重点项目建设,非法强揽工程、干扰阻扰施工建设、强立债权、强迫交易、非法垄断经营、收取“保护费”等破坏经济和发展环境的黑恶势力。

རང་ཡུལ་དུ་ཧམ་ཤེད་དང་ཡང་ན་ཁྱིམ་རྒྱུད།ཆོས་ལུགས་བཅས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་དང་གཉའ་གནོད།གཏོར་བརླགས་གཏོང་བ།སྡེ་དོན་ལ་བར་ཆད་གཏོང་བ་སོགས།ས་ཁོངས་ཧམ་འཛིན་དང་སྤྱོད་ངན་སྒྲུབ་པར་འབད་པའི་"སྡེ་བ་དང་མཁར་གྲོང་གི་བཙན་བདག་"སོགས་ཀྱི་བྱ་ངན་སྤྱོད་ངན་སྒྲུབ་མཁན་གྱི་སྟོབས་ཤུགས།

3、横行乡里或利用家族势力、宗教、宗教势力,侵害群众利益、欺压残害百姓,破坏、干扰村务,称霸一方、为非作恶的“村霸乡霸”等黑恶势力。

 ཞིང་གཉེར་ཚོང་ར་སྣ་ཚོགས་ཧམ་བཟུང་དང་བཙན་བགྲོད།བཙན་ཉོ།མགོ་གཡོགཟིང་སློང་།མང་ཚོགས་ཀྱི་ཁེ་ཕན་ལ་གནོད་

སྐྱེལ་བའི་ངན་རེང་ཁག་མི་འདྲ་བའི་སྟོབས་ཤུགས།

4、强占各类农贸市场,欺行霸市、强买强卖、敲诈勒索、聚众滋事,侵害群众利益的各类黑恶势力。

ལྐོག་དངུལ་དང་དྲག་ཤུགས། མགོ་གཡོག འཇིགས་སྐུལ་སོགས་ཀྱི་ཐབས་ལ་བརྟེན་སྡེ་བའི་"ཨུ་ལྷན་"གཉིས་འདེམས་བསྐོའི་བྱ་བར་བར་ཆད་གཏོང་མཁན་གྱི་ངན་རེངས་ཕྱོགས་ཁགཐབས་སྣ་ཚོགས་ལ་སྤྱད་དེ་ས་དང་ཁང་བ་བོགས་གཏོང་ཁྲོད་མང་ཚོགས་ལ་ངན་སྐུལ་གྱིས་ཟིང་ཆ་སློང་བ།རྩ་འཛུགས་དང་ཇུས་འགོད་བྱས་ཏེ་ཚོགས་པ་རང་བཞིན་གྱི་ཞུ་གཏུག་གི་ངན་

རེངས་སྟོབས་ཤུགས།

5、采用贿赂、暴力、欺骗、威胁等手段干扰破坏村“两委”换届选举的黑恶势力,以各种名义在征地租地过程中煽动群众闹事、组织策划群体性上访的黑恶势力。

6.ཐུན་མོང་གི་རྒྱུ་ནོར་ཧམ་འཛིན་དང་ཐུན་མོང་གི་ཐོན་ཁུངས་སྒེར་སྡེམ་བྱས་ནས་མི་སྒེར་དང་ཁྱིམ་རྒྱུད། ངན་རོགས་བཅས་ལ་ཁྲིམས་འགལ་གྱི་སྒོ་ནས་ཁེ་ཕན་རག་ཏུ་འཇུག་པའི་རྩུབ་སྤྱོད་མཁན་དང་།སྒྲིག་འགལ་གྱི་སྒོ་ནས་ཐུན་མོང་གི་ས་བཙོང་བ་དང་སའི་ཁ་གསབ་རོགས་དངུལ་སྒེར་འཛིན་བྱེད་པ།ཁྲིམས་འགལ་གྱིས་ཐུན་མོང་དང་མང་ཚོགས་ཀྱི་ས་ཞིང་བཙན་འཛིན་བྱེད་པའི་སྡེ་བའི་ལས་བྱེད་པ།

6、侵占集体财产,垄断集体资源,为其个人、家族及同伙谋取非法利益的黑恶势力;违规买卖集体土地、侵吞征地补偿款、非法强占集体和群众土地的村干部。

7.རྩུབ་སྤྱོད་སྟོབས་ཤུགས་ཀྱིས་བཀོད་འདོམས་བྱེད་པའི་ཡུལ་སྐོར་སྣེ་ཤན་པ་རྫུན་མ་དང་། དེ་འབྲེལ་གྱི་བཙན་ཉོ་བཙན་འཚོང་དང་།བསྙད་བརྐོ་ཟིང་སློང་།གཡོ་རྫུས་འཕྲོག་ལེན་སོགས་ཁྲིམས་འགལ་གྱིས་ནག་ཉེས་བཟོ་བའི་བྱ་འགུལ།

7、由黑恶势力操控的黑导游、及其引发的强买强卖、寻衅滋事、敲诈勒索等违法犯罪活动。

8.ངན་པ་ཕྱོགས་སྡེབ་དང་བསྙད་བརྐོ་ཟིང་སློང་།རྡུང་རེས་རྒྱག་རེས།བཙན་འཕྲོག་གཡོ་ལེན་སོགས་ངན་སྤྱོད་དང་རྩུབ་སྤྱོད་ཀྱི་ངོ་བོ་ལྡན་པའི་ཕྱོགས་ཁག་དང་ཚོགས་པ།

8、拉帮结派、寻衅滋事、打架斗殴、强拿硬要、称王称霸等破坏一方秩序带有黑恶势力性质的帮派势力。

9.མཁར་གྲོང་དང་འབྲོག་ཁུལ།གཏེར་ཁུལ།དམངས་སྡོད་གཞིས་ཁུལ།རོལ་རྩེད་ཁང་སོགས་སུ་རྩ་འཛུགས་ལྡན་པའི་སྒོ་ནས་དུག་དང་མེ་མདའ།རྒྱན་འཛུགས།འདོད་སྲེད་སོགས་ཀྱི་ལས་བྱས་ནས་ཁྲིམས་འགལ་གྱིས་ཉེས་པ་བཟོ་བའི་བྱ་འགུལ་སྤེལ་མཁན་དང་།སྤྱི་ཚོགས་ཀྱི་གོམས་སྲོལ་ལེགས་པོར་གཏོར་བརླག་ཚབ་ཆེན་བཟོ་བ་དང་སྤྱི་ཚོགས་གཏན་འཇགས་ལ་གནོད་འཚེ་བཟོ་བའི་ངན་རེངས་ཕྱོགས་ཁག

9、在城镇、牧区、矿区、居民社区、娱乐场所,有组织地从事涉“黄、毒、赌、枪”的违法犯罪活动,严重败坏社会风气、危害社会治安的黑恶势力。

10.བསམ་ངན་ཁོག་བཅངས་ཀྱིས་ཞུ་གཏུག་བྱེད་པའི་མི་སྒེར་དང་ཚོགས་པ།

10、恶意上访人员及群体;

11.མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་དང་།ཏང་དང་རྒྱལ་ཁབ་ཀྱི་སྣང་བརྙན་ལ་འབག་བཙོག་བཟོ་བའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་གཞན་དག

11、其他严重侵害群众利益,损坏党和政府形象的涉黑恶违法犯罪线索。

དོ་སྣང་བྱེད་དགོས་ས།

注意事项:

1.ཞུ་གཏུག་བྱས་པའི་ཁུངས་སྣེ་ལ་སྤྱི་བདེ་ལས་ཁུངས་ཀྱིས་གསང་བ་དམ་སྲུང་བྱེད་པ་དང་།རྟོག་ཞིབ་བྱས་པ་བརྒྱུད་ནས་

དོན་དངོས་ར་འཕྲོད་ན་ཞུ་གཏུག་མཁན་ལ་འབྲེལ་ཡོད་གཏན་འཁེལ་ལྟར་བྱ་དགའ་སྟེར་རྒྱུ།

1、对于举报线索公安机关将严格保密,一经查实将按照相关规定给予奖励;

2.ཁྲིམས་འགལ་ཉེས་ཅན་སྦས་གསང་བྱེད་པའམ་རྒྱ་ཡན་དུ་གཏོང་མཁན་དང་།བསམ་ངན་ཁོག་བཅངས་ཀྱིས་ཞུ་གཏུག་

བྱེད་མཁན།གཞན་ལ་མ་ཉེས་ཁག་གཡོགས་བྱེད་མཁན་སོགས་ལ་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུ།

2、对包庇、纵容违法犯罪分子或恶意举报、诬告陷害他人的,将依法追究法律责任;

3.ཞུ་གཏུག་མཁན་ལ་འཁོན་ལན་སློག་མཁན་ལ་ཁྲིམས་ལྟར་ཉེས་ཆད་ལྕི་མོ་གཅོད་རྒྱུ།

3、对举报人进行报复的,将依法从严、从重惩处。

ཞུ་གཏུག་འབྲེལ་ལམ།

举报方式:

110ལ་ཁ་པར་གཏོང་བའམ་སྐད་འཕྲིན་སྤྱི་སྟེགསརྐང་ཚའི་སྤྱི་བདེ刚察公安(gcga-8652523)”ཞེས་པར་སྐད་དང་བརྙན།འདྲ་པར།ཡི་གེ་སོགས་ཀྱི་ལམ་ནས་ཞུ་གཏུག་བྱས་ཆོག

ཞུ་གཏུག་ཡི་གེ་བསྐུར་ན་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་མགྲོན་བསུ་ལམ་གྱི་ཨང་རྟགས་དང་པོ་རྐང་ཚ་རྫོང་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་རུ་ཆེན(刚察县沙柳河镇迎宾大道1号刚察县公安局刑警大队)ལ་བསྐུར་དགོས།

拨打110报警电话,通过微信公众号“刚察公安(gcga-8652523)”发送语音、视频、图片或文字资料举报;撰写举报信邮寄至刚察县沙柳河镇迎宾大道1号刚察县公安局刑警大队

 

特此通告

 

 

 

刚察县公安局

2017126

རྐང་ཚ་རྫོང་སྤྱི་བདེ་ཅུའུ།

2018ལོའི་ཟླ1ཚེས26ཉིན།

 

 


相 关 链 接
海北州农村公路建设“七公开”一览表2018/10/9
刚察县人民政府办公室关于批转调整刚察县2...2018/9/19
刚察县金融扶贫贷款安排使用情况公示2018/9/18