您的位置:首页 > 新闻动态 > 通知公告
རྐང་ཚ་རྫོང་གི་བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་ཁྱི་ཡི་ལོ་སྟེ་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་སར་དགོང་ཚོགས་ཀྱི་རིག་རྩལ་བརྩམས་ཆོས་བསྡུ་བའི་བརྡ་སྦྱོར།
刚察县人民政府:http://www.qhgc.gov.cn    来源:    创建时间:2017/11/1 16:30:54    

  རྐང་ཚ་རྫོང་གིས་ལོ་རེར་སྒྲུབ་བཞིན་པའི་ལོ་སར་དགོང་ཚོགས་དེ་ནང་དོན་གྱི་ཆ་ནས་སྔར་ལས་ཕུན་སུམ་ཇེ་ཚོགས་དང་། རྣམ་པའི་ཆ་ནས་མི་རིགས་རང་གི་རིག་རྩལ་གྱི་ཁྱད་ཆོས་མངོན་པར་གསལ་བའི་གནམ་ལོ་གསར་བའི་ལེགས་སྐྱེས་གྱ་ནོམ་པ་ཞིག་བསྒྲུབ་ཆེད། རྐང་ཚ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་ཡུལ་སྐོར་ཅུའུ་ཡིས་རང་ས་གནས་ཀྱི་སྒྱུ་རྩལ་པ་རྣམས་ཀྱིས་གསར་རྩོམ་བྱས་པའི་སྒྱུ་རྩལ་བརྩམས་ཆོས་ཏེ་གླུ་དང་གླུ་དབྱངས། ཞབས་བྲོ། བཞད་གར། རྡུང་ལེན། ཁ་ཤགས། གར་ཆུང་སོགས་བསྡུ་རྒྱུ་ཐག་གིས་བཅད། 

བརྩམས་ཆོས་ཀྱི་ནང་དོན་དང་རེ་འདུན་གཤམ་གསལ། 
དང་པོ། བརྩམས་ཆོས་ལ་གླུ་དབྱངས་དང་དམངས་གླུ། ཞབས་བྲོ། རྡུང་ལེན། ཁ་ཤགས། གར་ཆུང་སོགས་ཡིན་ཆོག

གཉིས་པ། ནང་དོན་གྱི་ཆ་ནས་སྐབས་བབ་ཀྱི་སྲིད་ཇུས་དང་མཐུན་ཞིང་། མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་སྤྱི་ཚོགས། སྐལ་བཟང་དུས་ལེགས་དང་སྐྱེ་ཁམས་སྣོད་བཅུད། འཚོ་བ་གསར་བ་སོགས་ཀྱི་དགེ་མཚན་ལ་བསྟོད་གླུ་ཕུལ་བའི་ལོ་སར་སྤྲོ་སྐྱིད་ཀྱི་རྣམ་པས་ཡོངས་སུ་ཕྱུག་པའི་བརྩམས་ཆོས་ཡིན་དགོས།
གསུམ་པ། རྫོང་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་དང་མི་དམངས་ཀྱི་བརྩམས་ཆོས་བསྡུ་ངེས། 

བཞི་བ། བརྩམས་ཆོས་དག་གི་རིགས་དབྱེ་དང་མིང་། འབྲེལ་གཏུགས་བྱེད་ཡུལ་བཅས་གསལ་བོར་བྲིས་རྗེས་རྐང་ཚ་རྗོང་རིག་གནས་ཁང་དུ་སྤྲོད་དགོས། 

ལྔ་བ། བརྩམས་ཆོས་བསྡུ་བའི་དུས་ཚོད་ནི་སྤྱི་ལོ2017ལོའི་ཟླ11པའི་ཚེས1ནསསྤྱི་ལོ2017ལོའི་ཟླ12པའི་ཚེས29བར་ཡིན།
དྲུག་པ། བརྩམས་ཆོས་བདམས་ཐོན་བྱུང་ཚེ་ང་ཚོས་ཐད་ཀར་མི་སྒེར་རང་ཉིད་ལ་འབྲེལ་གཏུག་བྱ་ངེས། བརྩམས་ཆོས་ཡོད་ཚད་ཕྱིར་བསྐུར་མི་ཐུབ་པས་མ་ཡིག་རང་ཉིད་ཀྱིས་ཉར་ཚགས་བྱེད་རོགས།
བརྩམས་ཆོས་སྤྲོད་ཡུལ། རྐང་ཚ་རྫོང་རིག་གནས་ཁང་གི་བཞི་ཐོག

འབྲེལ་གཏུག་བྱ་ཡུལ། བསོད་ནམས། 

འབྲེལ་གཏུག་ཁ་པར། 0970 -8651000 18009707997


相 关 链 接
刚察县人民法院搬迁公告2017/11/1
2018年刚察县藏历土狗年迎新春文艺晚会...2017/11/1
རྐང་ཚ་རྫོང་གི་བོད་རབ...2017/11/1