您的位置:首页 > 神奇刚察
རྐང་ཚར་རྐྱང་བསྐྱབས་པའི་གནས་ཚུལ།
来源:ནགས་ཚལ་སྤྱི་བདེ་ཅུའུ།    时间:2018年06月03日    

༢༠༡༨ལོའི་ཟླ༦པའི་ཚེས་༢ཉིན།རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཡུལ་ཚོ་རྐང་ཚ་གོང་མའི་རུ་ཁག་གསུམ་པའི་དཀོན་མཆོག་ཚེ་རིང་དང་ལྷ་ཆེན་རྒྱལ་གཉིས་དབྱར་སར་འགྲོ་བའི་ལམ་བར་གྱི་སྤྱང་ཚང་རྡོ་སོལ་གཏེར་ཁུངས་ཡོད་སའི་ཚ་ཚ་རིའི་གམ་དུ་སླེབས་རྗེས་རི་སྐྱེས་རྐྱང་རྨས་མ་ཞིག་དང་འཕྲད།རྐྱང་རྨས་མ་དེ་མཐོང་མ་ཐག་ཁོང་གཉིས་མྱུར་དུ་ནགས་ཚལ་བདེ་སྲུང་རུ་ཁག་ལ་ཁ་པར་བཏང་ནས་གནས་ཚུལ་ཞུས་ཤིང་།ནགས་ཚལ་སྤྱི་བདེ་ཅུའུ་ཐོན་རག་བར་དུ་ཁོང་གཉིས་ཀྱི་ཕྱུགས་ཟོག་ལ་ཁ་ཡ་མ་བྱས་པར་མ་ཟད།ཁ་བ་དང་ཙག་རླུང་གདོང་གིས་བསུ་བཞིན་རྐྱང་རྨས་མ་དེ་བསྲུང་ནས་བསྡད།དེ་ལྟར་འདུག་དོན་ནི་གཅན་གཟན་སོགས་ཀྱིས་ཟ་བར་དོགས་པ་ཡིན་ཟེར། ནགས་ཚལ་སྤྱི་བདེ་ཅུའི་མི་སྣ་ཐོན་ནས་རླངས་འཁོར་དུ་བཅུག་རྗེས་ཁོང་གཉིས་ད་གཟོད་ཕྱིར་ཁྱིམ་དུ་ལོག རྐྱང་རྨས་མ་དེ་ས་གནས་བདེ་སྲུང་རུ་ཁག་གིས་སྨན་བཅོས་མྱུར་སྐྱོབ་བྱས་པས་སྲོག་ཉེན་ལས་ཐར་སོང་། རང་བྱུང་ཁོར་ཡུག་དང་རི་སྐྱེས་སྲོགས་ཆགས་ཀྱི་དོན་དུ་རང་སྲོག་འབེན་ལ་འཇོག་ཐུབ་པའི་དཔའ་བོའི་ཆོད་སེམས་བརྟན་པོ་འདི་དང་། བོད་མི་ཕལ་བ་ཞིག་གི་རི་སྐྱེས་སྲོག་ཆགས་ལ་བཅངས་བའི་བྱམས་དང་སྙིང་རྗེ་ཡི་བརྩེ་བ་དྲོད་མོ་འདི་ནི་བོད་མགོ་ནག་ཡོངས་ཀྱི་སློབ་སྦྱོང་བྱ་ས་ཉག་གཅིག་ཡིན་ལ།བོད་མིའི་ལྷན་སྐྱེས་ཀྱི་རང་བྱུང་ཁམས་དང་། འགྲོ་བ་སེམས་ཅན་ཡོངས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་འདི་ནི་རྒྱལ་ཁབ་ཀྱིས་སྒྲོག་བཞིན་པའི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ཁ་ཕྱོགས་དང་མཐུན་ཞིང་།བོད་མིས་སྲོལ་རྒྱུན་སྐྱེ་ཁམས་སྲུང་སྐྱོབ་ཐད་ལ་བཟུང་བའི་འདུ་ཤེས་ཡག་པོ་འདི་མ་ཉམས་པ་གོང་འཕེལ་ཡོང་བར་འབད་པ་བྱ་དགོས་སོ།   

དཀོན་མཆོག་ཚེ་རིང་དང་ལྷ་ཆེན་རྒྱལ་གཉིས།
ནགས་ཚལ་སྤྱི་བདེ་ཅུའི་མི་སྣ་ཐོན་ནས་སྤྱང་རླངས་འཁོར་དུ་བཞག


ནགས་ཚལ་སྤྱི་བདེ་ཅུའུ་ཡུལ་དངོས་ལ་ཐོན་པ།

ཡོངས་ཁུངས། ནགས་ཚལ་སྤྱི་བདེ་ཅུའུ།

相 关 链 接
གསེར་ཉ་ཕྱིར་ལྡོག་པའི...2018/6/22
ཉི་ཟེར་ཀློང་གི་ཡིད་ད...2018/6/22
རྐང་ཚར་རྐྱང་བསྐྱབས་པ...2018/6/3