您的位置:首页 > 神奇刚察
སྐྱེ་ཁམས་གླུ་རུ་ལེན་པའི་བྱ་ཁྱུ །
来源:རྫོང་གསར་འགྱུར་ལྟེ་གནས།    时间:2018年04月08日    

    རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཟབ་ནན་སྒོས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྐྱེ་ཁམས་སྲུང་སྐྱོབ་ཐད་ལ་སློབ་སྦྱོང་དང་ལག་ལེན་ཕུན་སུམ་ཚོགས་པ་བྱས་མཐར །   ཉེ་ལམ་བོད་མཁར་རྐང་ཚའི་གནས་ཚུལ་དངོས་ལ་དམིགས་ནས་སྡོང་འཛུགས་ནགས་སྐྲུན་དང་རྨོ་བསྐྱུར་ནགས་འདེབས།  ཆུ་ལམ་བཅོས་སྐྱོང་སོགས་རྣམ་གྲངས་མང་པོ་རྒྱུན་འཁྱོངས་ལག་བསྟར་བྱས། ད་ལྟ་གནམ་ངོ་དྭངས་ལ་ཆུ་བོ་གཙང་བ་མ་ཟད་བྱ་དང་ཉ་ཡི་ཞིང་ཁམས་བོད་མཁར་རྐང་ཚ་ཞེས་སྙན་གྲགས་ཀྱི་བ་དན་ཡུལ་གྲུ་ཀུན་ལ་ཁྱབ་ཡོད། མཚོ་མོ་ཁྲི་ཤོར་རྒྱལ་མོའི་རང་བྱུང་མཛེས་སྡུག་གི་མཚན་སྙན་བཞིན།  ཡུལ་སྐོར་ལྗོངས་རྒྱུའི་མཛེས་ལྗོངས་ཀྱི་གྲས་སུ་ཚུད་ཡོད།


 བོད་མཁར་གྱི་བྱ་ཁྱུའི་ལང་ཚོ།

ད་ལོའི་ཟླ་བཞི་བའི་ནང་ངང་བ་སེར་པོ་དང་ཆུ་བྱ་སྐེ་ཁྲ་གཙོ་བྱས་པའི་བྱ་ཁྱུའི་གར་སྟབས་བོད་མཁར་གྱི་སྐྱེ་ཁམས་སྤྱི་གླིང་གི་མི་བཟོས་མཚོའུ་རུ་བསྒྱུར་ནས་འདབ་ཆགས་ཀྱི་ཞིང་ཁམས་ངོ་མ་རུ་གྱུར་ཡོད་པ་མ་ཟད།   ཕྱོགས་སོ་སོའི་མགྲོན་པོ་དང་ས་གནས་ཀྱི་རིགས་སོ་སོར་དགའ་མོས་ཀྱི་འདུན་པ་གཞི་ནས་བསྐྲུན་སོང་།

  གྲལ་འགྲིག་པའི་ངང་ཁྱུ།

གྲེ་འགྱུར་སྙན་མོ་ཅན་གོ་བྱ་ཁྱུ་རེད།
  ལྷང་འཇགས་ཀྱི་བྱ་ཁྱུ།

བྱ་ཁྱུའི་གཤོག་འགྱུར།

འབྲི་མཁན། མགོན་པོ། པར་ལེན་པ། མགོན་པོ།



 

相 关 链 接
湟鱼洄游之路延续生命的远征2018/5/31
མཐོ་སྒང་མཚོ་ངོགས་བོད...2018/5/23
༥.༡༩མཚོ་སྔོན་ཡན་ལག་ཚ...2018/5/22