您的位置:首页 > 神奇刚察
གདོང་དམར་བོད་ཀྱི་ཟས་མཆོག
刚察县人民政府:http://www.qhgc.gov.cn    来源:新闻中心    创建时间:2017/11/20 14:43:56    


རྩམ་པ་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ལྷད་མེད་ཀྱི་ཟས་མཆོག་ཞིག་སྟེ། འདི་ལ་འཁྱེར་བདེ་བ་དང་ཉར་བདེ་བ། སྤྱོད་བདེ་བ། བཅུད་ལྡན་པ་སོགས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད།  དེང་གི་ཚན་རིག་པས་ཞིབ་འཇུག་ལྟར་ན་སྙིང་ཁྲག་སོགས་ཀྱི་ནད་བཅོས་ལ་ཕན་ནུས་ལྡན་པ་ར་སྤྲོད་བྱས་ཡོད།

ནས་རྩམ་ནི་སྟོན་ཁར་འབྲུ་རིགས་བླངས་རྗེས་ཐོག་མར་བདུན་གཅིག་ཙམ་ལ་ཉི་མར་སྐམ་སྟེ་ནང་གི་རྩྭ་རྡུལ་སོགས་མི་གཙང་བ་དག་མེད་པར་བཟོས་རྗེས་ནས་རྔོ་དགོས་པ་དང་། (རྔོ་ཐབས་ལ་རིགས་གཉིས་ཏེ། ཆུ་རྔོས་དང་དམར་རྔོས་གཉིས་ཡིན། ཆུ་རྔོས་ནི་བ་མའི་ནང་ཆུ་ཁོལ་ཉུང་ཙམ་ཞིག་བླུགས་སྟེ་ནས་ལ་བརླན་ཅུང་ཙམ་རྒྱག་ལ། དེ་ལྟར་བྱས་ན་རྩམ་པར་བྲོ་བ་ལྡན་པར་མ་ཟད་འཚོ་བཅུད་ཀྱི་ནུས་བ་བླ་ལྷག་ཐོན་སྲིད། དམར་རྔོས་ནི་བརླན་མ་རྒྱབ་པར་ཐད་ཀར་བརྔོས་པ་ལ་ཟེར།)དེའི་རྗེས་ནས་རྔོད་སྣོད་ནང་དུ་ཡས་ས(བྱེ་རྡུལ) ཉུང་ཙམ་བླུགས་སྟེ་ཚ་ཚད་ཏུའུ་གྲངས80~90ཙམ་ལ་སླེབས་ཚེ་དེའི་ནང་དུ་ནས་རྔོ་དགོས ། ཡས་ས་ནི་གནས་གང་རུང་ན་ལེན་རྒྱུ་ཡོད་པ་ཞིག་མིན་པར །དེ་ནི་གད་པ་དང་ས་དུང་སོགས་ཆེས་གཙང་སའི་ས་ནས་ལེན་དགོས་པར་མ་ཟད། གང་འདོད་དུ་ས་ནག་དང་ས་དཀར་བླངས་མི་ཆོག་པར ། བྱེ་མའི་ནང་གི་བྱེ་རྡུལ་འཁྲབ་མ་བྱས་ནས་ལེན་དགོས་པ་ཡིན།

བརྔོས་ཚར་རྗེས་འཁྲབ་མའི་འཁྲབ་སྟེ་ཀོ་བའི་བཟོས་པའི་ནས་སྒྱེ་ནང་བླུགས་ནས་རྡོ་དང་སྲ་གཟུགས་ཀྱི་སྟེང་དུ་བརྒྱབ་སྟེ་སྤུ་རག་བླངས་རྗེས།  བསིལ་རླུང་ཆུང་བུ་ལ་བརྟེན་ནས་ནས་ཁྲ་ཕྱར་ཏེ་ནས་ཤུན་སོགས་མེད་པར་བྱས་ཏེ་ད་གཟོད་རྩམ་པ་འཐག་འགོ་བརྩམས་ཆོག



རྕམ་པ་འཐག་སྐབས་ལག་སྐོར་གྱི་སྟེང་མ་ལ་ཁོལ་ལྟེབས་ཟེར་བའི་སྤུ་དེད་པའི་པགས་པ་སྲབ་མོ་ཞིག་བཏིང་སྟེ་རྩམ་འཐག་གི་ལས་སུ་ཞུགས་པ་དང་། ལག་སྐོར་དུས་ཡུན་རིང་པོར་བཀོད་སྤྱོད་བྱས་ནས་ལག་སྐོར་གྱི་ངོ་གཉིས་འཇམ་པོར་གྱུར་ཚེ་འཐག་པའི་རྩམ་པ་ཡང་ཕྲ་རགས་མེད་པར་འགྱུར་བས། དེ་དུས་སླ་ང་ཆགས་རོ་སོགས་སྤྱད་དེ་ལག་སྐོར་གྱི་ངོ་གཉིས་ལ་གཙག་དོད་བརྒྱབ་ནས་བཀོད་སྤྱོད་བྱ་དགོས།  དེ་ལ་ཡུལ་སྐད་དུ་ལག་སྐོར་བཙོས་པ་ཟེར། བཙོ་ཐབས་ཀྱི་ཕྱོགས་ནས་རགས་ཙམ་བཤད་ན། ལག་སྐོར་གྱི་ཐོག་མ་གཡས་ཕྱོགས་དང་འོག་མ་གཡོན་ཕྱོགས་སུ་བཙོ་དགོས་པ་མ་ཟད། བརྐོས་པ་ཟབ་དྲག་ནའང་མི་རུང་བར་ནས་ལྡོག་ཙམ་ལས་ཆུང་བའི་ཤུལ་ཙམ་བརྐོ་དགོས་པ་ཡིན།


རྩམ་པ་བཟའ་ཐབས་ལ་མར་རྩམ་དང་འོ་རྩམ། ཚིལ་རྩམ། ཞག་རྩམ་བཅས་ཡོད་དེ། མར་རྩམ་ནི་མར་ཁུའི་ནང་དུ་རྩམ་པ་དང་ཕྱུར་བ་བསྲེས་ནས་བརྫིས་པ་ལ་ཟེར་བ་དང་། ཞག་རྩམ་ནི་ནོར་ལུག་གི་རུས་པ་ལས་གདུས་པའི་རུས་ཞག་ནང་དུ་བརྫིས་པའི་རྩམ་པ་ལ་ཟེར།   འོ་རྩམ་དང་ཚིལ་རྩམ་ནི་འོ་མ་དང་ཚིལ་རིགས་ཀྱི་ནང་དུ་བརྫིས་པའི་རྩམ་པ་ལ་ཟེར །


བོད་མི་རིགས་ཀྱི་འཚོ་བའི་ཁྲོད་དུ་རྩམ་པ་ནི་སྐྱིད་སྡུག་གང་ལ་འཕྲད་ཀྱང་ཁ་བྲལ་ཐབས་མེད་པའི་ཟས་མཆོག་དང་བོ་དེ་ཡིན་ཕྱིར། ཁ་བ་བོད་པའི་ཡུལ་འདིར་མཚོན་ན་རྩམ་པ་ནི་བཅུད་ལྡན་ཟས་ཀྱི་ཡང་རྩེ་དང་ལུས་ཁམས་གསོ་བའི་ཁྱད་ནོར་དུ་གྱུར་ཡོད།

རྩོམ་སྒྲིག་པ ། ཚེ་རིང་སྒྲོལ་མ།



相 关 链 接
གདོང་དམར་བོད་ཀྱི་ཟས་...2017/11/20
མདོ་ཁམས་ཡུལ་གྱི་རྡུང...2017/11/9
སྐབས་བདུན་པའི་ཚངས་དབ...2017/11/9