您的位置:首页 > 神奇刚察
རྐང་ཚ་རྫོང་གིས་སྡེ་བ་སོ་སོ་ནས་སྡེ་བ་རིམ་པའི་དབུལ་སྐྱོར་གཙང་སྦྲ་རུ་ཁག་བཙུགས།
刚察县人民政府:http://www.qhgc.gov.cn    来源:མཚོ་སྔོན་གསར་འགྱུར་དྲ་བ།     创建时间:2017/11/7 11:36:44    


གྲ་དག་པའི་དཔུང་སྡེ།

 



ནངས་སྔ་དགོང་འཕྱིའི་ཀློང་ན་འདུར།

 



གཙང་སྦྲ་མི་སྣས་གཙང་དག་བྱེད་བཞིན་པའི་ཡུལ་དངོས།

 




ཁོ་ཚོའི་སྟོབས་ཤུགས་ལས་གྲོང་གསེབ་ཀྱི་དག་གཙང་མངོན།

 

རོང་འབྲོག་ཁུལ་གྱི་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་ཐད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ་དང་། རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་ལ་ཁྱོན་ཡོངས་ནས་གཙང་སྦྲ་བྱེད་པ་དང་དབུལ་ཕོངས་ངལ་རྩོལ་པར་རང་ས་གནས་ནས་ལས་ཞུགས་བྱེད་དུ་འཇུག་ཆེད། རྐང་ཚ་རྫོང་གིས་རྒྱལ་ཁབ་རིམ་པའི་དག་གཙང་གྲོང་གསེབ་དང་རྫོང་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་རྫོང་།  རྒྱལ་ཁབ་ཀྱི་ཀ ་བཞི་རིམ་པའི་གནས་སྐོར་ལྗོངས་རྒྱུ་ཁུལ་བཅས་འཛུགས་སྐྲུན་བྱེད་པའི་བྱ་བ་དང་ཟུང་འབྲེལ་བྱས་པ་དང་། གནས་སྐོར་ལས་རིགས་དང་སྐྱེ་ཁམས་སྲུང་སྐྱོབ། དག་གཙང་གི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་དང་གནད་ཕིགས་དབུལ་སྐྱོར་གཉིས་ཕན་ཡོད་མཉམ་བསྲེས་བྱས་ཏེ། ན་ནིང་གི་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་རྐང་ཚ་རྫོང་ཡོངས་ཀྱི་སྡེ་བ་སོ་སོ་ནས་སྡེ་བ་རིམ་པིའ་དབུལ་སྐྱོར་གཙང་སྦྲ་རུ་ཁག་བཙུགས།

རྒྱུས་ལོན་བྱུང་བ་ལྟར་ན། དབུལ་ཕོངས་སྡེ་བ་རུ་གཙང་སྦྲ་མི་སྣ་བཅུ་བཀོད་སྒྲིག་བྱེད་པ་དང་དབུལ་ཕོངས་མིན་པའི་སྡེ་བ་རུ་གཙང་སྦྲ་མི་སྣ་ལྔ་ནས་བརྒྱད་བཀོད་སྒྲིག་བྱེད་པིའ་རྩ་དོན་ལྟར་དུ། རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་སོ་གཅིག་ཏུ། ཡིག་ཚགས་དང་བྱང་བུ་ལས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་སྟོང་གཅིག་དང་བཞི་བརྒྱ་ཉེར་བཞི་དང་དབུལ་ཕོངས་མི་གྲངས་སྟོང་གསུམ་དང་བརྒྱད་བརྒྱ་བཅུའི་ཁྲོད་ནས་རང་བདག་སྒོས་འགན་འཁྲི་འདུ་ཤེས་དང་ངལ་རྩོལ་ནུས་པ་ལྡན་པའི་སྡེ་བ་རིམ་པའི་དབུལ་སྐྱོར་གཙང་སྦྲ་མི་སྣ་ཉིས་བརྒྱ་དང་བཅོ་ལྔ་བདམས་པ་དང་། ཁོ་ཚོའི་གྲོས་བཀོད་དུས་བཀག་ནི་ལོ་གཅིག་ཡིན་ལ། ཟླ་རེར་མི་རེར་སྒོར་དྲུག་བརྒྱའི་ཟླ་ཕོགས་སྟེར་བཞིན་ཡོད།

རྐང་ཚ་རྫོང་གི་འབྲེལ་ཡོད་མགོ་ཁྲིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། གཙང་སྦྲ་མི་སྣ་རེ་རེའི་ལོ་རེའི་ཟླ་ཕོགས་ནི་སྒོར་སྟོང་བདུན་དང་ཉིས་བརྒྱ་ཡིན་པ་དང་། རྫོང་ཡོངས་ཀྱི་གཙང་སྦྲ་མི་སྣ་ཉིས་བརྒྱ་དང་བཅོ་ལྔར་བསྡོམས་པས་ལོ་རེར་ཟླ་ཕོགས་སྒོར་ས་ཡ་གཅིག་དང་འབུམ་ལྔ་ཁྲི་བཞི་དང་སྟོང་བརྒྱད་སྟེར་དགོས་ལ། ཟླ་ཕོགས་སྒོར་དེ་དག་ཡོངས་རྫོགས་རྫོང་རིམ་པའི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་ཁྲོད་ནས་ཐག་གཅོད་བྱེད་ཀྱིན་ཡོད་པ་དང་། དེ་ལས་གཞན་སྡེ་བའི་ནང་གི་ཁོར་ཡུག་གཙང་སྦྲ་སྒྲིག་ཆས་དང་ངལ་རྩོལ་ཐད་མཁོ་བའི་ཡོ་བྱད་ཉོ་བསྡུ་བྱེད་པའི་གྲོན་དངུལ་དེ་ཧྲིན་ཧྭ་དང་ཧྲན་ཏུང་རོགས་འཛུགས་ལས་གཞི་གཉིས་ལ་མཐུན་སྦྱོར་བྱས་པ་བརྒྱུད་དེ་ཐག་གཅོད་བྱེད་ཀྱིན་ཡོད་ཟེར།

མིག་སྔར། དབུལ་ཕོངས་ཁྱིམ་ཚང་གི་གྲུབ་པའི་སྡེ་བ་རིམ་པའི་དབུལ་སྐྱོར་གཙང་སྦྲ་མི་སྣ་ཡོངས་རྫོགས་ལས་གནས་སུ་ཐོན་ཡོད་པ་དང་། ཁོ་ཚོས་གནས་སྐོར་འཕེལ་རྒྱས་སུ་གཏོང་བ་དང་ཁོར་ཡུག་མཛེས་བསྒྱུར་བྱེད་པའི་ཐད་འགན་སྲུང་འདོན་སྤྲོད་བྱས། 

ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ། རྩོམ་སྒྲིག་པ། ཚེ་དབང་རིག་འཛིན།

 པར་ལེན་པ། ཚེ་དབང་རིག་འཛིན།


相 关 链 接
བོད་མཁར་རྐང་ཚའི་སྐབས...2017/11/7
བོད་མཁར་རྐང་ཚའི་མཚན་...2017/11/7
མཛེས་པའི་ཕ་ས་སྐྱིད་ས...2017/11/7