您的位置:首页 > 神奇刚察
གཡུང་རུང་སྡེ་བའི་མཆོད་རྟེན་མཐོང་བ་དོན་ལྡན།
刚察县人民政府:http://www.qhgc.gov.cn    来源:གཡུང་རུང་སྐལ་བཟང་ཚེ་རིང་གིས་བྲིས།     创建时间:2017/11/7 11:26:56    


སྒྲོལ་མའི་སྐུ་དཔར།

 



བརྫིས་ཟིན་པའི་ས་དཀར།

 



དད་པ་དག་སྣང་གི་ལག་ཟུང་།

 



སྐུ་དཔར་བཞིན་པའི་ཡུལ་མི།

 



སྒྲོལ་མའི་ས་སྐུ་དཔར་མ།

 



ལག་འགྲུབ་བྱུང་བའི་མཆོད་རྟེན་མཐོང་བ་དོན་ལྡན་གྱི་དབྱར་དགུན་གཉིས་ཀྱི་རྣམ་པ།

 

     གཡུང་རུང་སྡེ་བའི་རྒན་ཁྲོ་རྒྱལ་དགུང་གྲངས་བདུན་ཅུ་དོན་དགུ་ལ་སོན་ཏེ་གྱ་སྟོན་བྱས་ཤིང་། སྐབས་དེར་ཁོང་གིས་མི་སུ་ལ་འང་སྡེ་བ་ཐུན་མོང་གི་ཆོས་ཤིག་བསྒྲུབ་ན་བཟང་ཚུལ་དང་དགེ་རྩ་ཆེ་ཚུལ་སོགས་ཀྱི་བསམ་ཚུལ་མང་བོ་བཏོན་མྱོང་། བསམ་ཚུལ་དངོས་ནི་སྒྲོལ་མའི་སྐུ་འབུམ་ཁང་མང་བོ་ཞིག་ཕྱོགས་གཅིག་ཏུ་བཞེངས་རྒྱུའི་རེ་བ་ཆེན་པོ་བཅང་ཡོད། དེའི་རྗེས་སུ་སྒྲོལ་མའི་འབུམ་ཁང་བཞེངས་པའི་ཐད་ལ་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་མི་ཁག་ཅིག་གིས་ཚོགས་འདུ་བསྡུས་ཏེ་གྲོས་མོལ་བྱས་ནས་གྲོས་འཆམ་བྱུང་ཞིང་། སྡེ་མི་སོ་སོས་ཀྱང་བྱ་བ་ལེགས་འགྲུབ་ཡོང་བའི་ཆེད་དུ་རང་འགུལ་རང་འགུལ་གྱི་སྒོ་ནས་འགན་འཁུར་དང་ལེན་བྱས། དེ་ནས་མདོ་སྨད་དྷཱི་ཚ་བཀྲ་ཤིས་ཆོས་ལྡན་སྡིངས་གླིང་ནས་ས་དཔྱད་མཁན་ཤེས་རབ་རྒྱ་མཚོ་མཆོག་གདན་ཞུ་བྱས་ཏེ་ཡུལ་འདིར་བྱོན་ཏེ་མཆོད་རྟེན་བཞེངས་སའི་གནས་བཟང་བོ་འདི་བསྟན་པ་ཡིན། མཆོད་རྟེན་བཞེངས་པར་བར་ཆད་ཟློག་པའི་ཕྱིར་རྐང་ཚའི་དགོན་ཆེན་གྱི་མགོན་ཁང་ནང་ནས་མཆོག་གསུམ་ལ་སྐྱབས་འཇུག་ཀྱང་མང་པོ་ཞུས་པ་ཡིན།

གཉིས་པ། འཆར་གཞི་རིམ་པ།

༡ སྒྲོལ་མའི་སྐུ་ཡིན་དགོས་པ།

༢སྐུ་དཔར་ནང་གི་སྐུ་གྲངས་བརྒྱའི་ཡན་མི་བརྒལ་བ།

༣ ཁྱིམ་ཚང་གཅིག་གིས་འབུམ་ཁང་ཉེར་ལྔ་རེ་དཔར་དགོས་པ།

༤སྐུ་རྒྱུ་ཆ་ནི་ས་དཀར་དང་སིནྡྷར་དཀར་དམར་སེར་གསུམ་ཡིན་པ།

༥གསེར་དངུལ་ཟངས་གསུམ་ཀྱི་སྐུའི་མཚོན་བྱེད་ཚོན་རྩི་སྣ་ཚོགས་ཀྱིས་བྱུགས་ཡོད་པ།

གསུམ་པ། མཆོད་རྟེན་རིམ་པ་ནི།

  མཆོད་རྟེན་གྱི་དབྱིབས་ནི་ཟུར་བརྒྱད་གླིང་བརྒྱད་དང་། ཁྲི་ནི་པདྨ་འདབ་བརྒྱད་ཀྱི་མཚོན་བྱེད་ཡིན་པ་དང་། མཆོད་རྟེན་གྱི་མཐའ་འཁོར་རིང་ཚད་ལ་སྨི་༩༦དང་། སྐུའི་མཐའ་འཁོར་ལ་སྨི་༨༨ཡོད། ཁྲིའི་མཐོ་ཚད་ལ་སྨི་༢.༤དང་སྐུའི་མཐོ་ཚད་ལ་སྨི་༡༥.༥ཡོད། གསེར་ཏོག་གི་མཐོ་ཚད་ལ་སྨི་༢ཡོད་པ་དང་སྤྱིའི་མཐོ་ཚད་ལ་སྨི་༢༠ཡོད། ཀླད་ཁེབ་སྤང་ལེབ་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༦༨༢ཡོད།

བཞི་བ། ཟླ་བཅུའི་རིང་ལ་སྐུ་བཞེངས་ཏེ་ལག་འགྲུབ་བྱུང་ཞིང་། ཕྱོགས་གཞན་ནས་སྐུ་དཔར་ཏེ་འབྲེལ་འཇོག་མཁན་། མཚོ་ལྷོདང་མཚོ་ནུབ། མཚོ་བྱང་། རྐང་ཚ་ནང་ཁུལ་གྱི་སྡེ་བ་སོ་སོ་ནས་ཁྱེར་ཡོང་ཡོད། བསྡོམས་པའི་སྐུ་གྲངས་དུང་ཕྱུར་བཅོ་ལྔ་ཡོད། མཆོད་རྟེན་འདི་ལ་སྒོར་ཁྲི་སུམ་བརྒྱ་སུམ་བཅུ་ལྷག་གི་རིན་ཐངཡང་ལྡན།

ལྔ་བ། མཆོད་རྟེན་འདིའི་མཚན་གསོལ་མཁན་ནི་ཨ་ལགས་རྐང་ཚ་སྐུ་ཕྲེང་ལྔ་བ་རྗེ་བློ་བཟང་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོ་མཆོག་ཡིན། མཆོད་རྟེན་གྱི་མཚན་ལ་མཆོད་རྟེན་མཐོང་བ་དོན་ལྡན་གསོལ། མཆོད་རྟེན་འདི་བཞེངས་བའི་དམིགས་ཡུལགཙོ་བོ་ནི་ནམ་མཁའི་གར་ཁྱབ་ཀྱི་མ་གྱུར་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱ་བའི་ཆེད་དུ་བཞེངས་བ་ཡིན།

ཡོང་ཁུངས།  གཡུང་རུང་སྐལ་བཟང་ཚེ་རིང་གིས་བྲིས། 

ནང་དོན་སྤེལ་མཁན། ཚེ་དབང་རིག་འཛིན།  པར་ལེན་པ། ཚེ་དབང་རིག་འཛིན།

 



相 关 链 接
བོད་མཁར་རྐང་ཚའི་སྐབས...2017/11/7
བོད་མཁར་རྐང་ཚའི་མཚན་...2017/11/7
མཛེས་པའི་ཕ་ས་སྐྱིད་ས...2017/11/7