您的位置:首页 > 神奇刚察
བོད་མཁར་རྐང་ཚའི་སྐབས་གསུམ་པའི་མཚོ་འཁོར་ས་ཁུལ་གྱི་རྟ་རྒྱུག་འགྲན་ཚོགས།
刚察县人民政府:http://www.qhgc.gov.cn    来源:县新闻中心    创建时间:2017/7/12 17:18:27    

རྟ་རྒྱུག་ནི་བོད་མི་རིགས་ཀྱི་འཚོ་བ་དང་ཁ་ཐག་ཆེས་ཉེ་བ་མ་ཟད། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད། གནའ་ནས་ད་བར་དུ་རྟ་ཐོག་མི་རིགས་ཅེས་འབོད་མྱོང་བའི་མི་རིགས་འདི་ལ་མཚོན་ན། རུ་བཀལ་འཁེལ་དང་སྟོན་མོ་ཆེ་ཆུང་། གནའ་བོའི་དམག་འཁྲུག་སོགས་བྱ་བ་ཆེ་ཆུང་ཅི་སྒྲུབས་ཀྱང་ཅང་ཤེས་རྟ་དང་ཁ་བྲལ་མྱོང་མེད། དེ་བས་དུས་ད་ལྟའི་བར་དུ་རྟ་དཔྱད་དང་རྟ་རྒྱུག་སོགས་མི་རིགས་རིག་གནས་ཀྱི་གྲུབ་ཆར་གྱུར་བའི་སྲོལ་རྒྱུན་རིག་གནས་གྱ་ནོམ་པ་ཞིག་མ་ཉམས་སོར་ཆུད་དུ་ཡོད་པ་དེ་ནི་རྟ་རྒྱུག་རེད།

མི་རིགས་སྲོལ་རྒྱུན་འཚོ་བ་ཕུན་ཚོགས་སུ་གཏོང་བ་དང་མི་རིགས་ལུས་རྩལ་དར་སྤེལ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ནས། མི་རིགས་ལུས་རྩལ་ལས་དོན་དང་རིག་གནས་གནས་སྐོར་འཕེལ་རྒྱས་གཏང་བར་ཉེ་ཆར་རྐང་ཚ་རྫོང་གིས་མཚོ་འཁོར་ས་ཁུལ་གྱི་རྟ་རྒྱུག་སྐབས་གསུམ་པ་སྤེལ། ཐེངས་འདིའི་རྟ་རྒྱུག་ནི་ལོ་སྔོན་མའི་རྟ་རྒྱུག་གི་རྨང་གཞི་ཐོག་ཏུ་འོས་འཚམས་དགོས་གཞི་རྒྱ་བསྐྱེད་པ། རྟའི་གྲངས་ཀ་ཇེ་མང་དུ་བཏང་ཡོད་པ་དང་། འགྲན་བསྡུར་གྱི་ཞུགས་ཚད་དང་རྩལ་འགྲན་སྔར་ལས་འབུར་དུ་བཏོན་ནས་འགྲན་བསྡུར་གྱི་ཤུགས་རྐྱེན་སྔར་ལས་མཐོར་འདེགས་སུ་བཏང་བ། རྒྱུས་ལོན་པ་ལྟར་ན་རྐང་ཚ་རྫོང་གི་སྐབས་གསུམ་པའི་མཚོ་འཁོར་ས་ཁུལ་གྱི་རྟ་རྒྱུག་ཉིན་གཉིས་ལ་སྤེལ་བ་དང་། འགྲན་བསྡུར་ལ་རྐང་ཚ་རྫོང་། མདོ་ལ་རྫོང་། མདའ་བཞི་རྫོང་། གསེར་ཆེན་རྫོང་། ཐེམ་ཆེན་རྫོང་། སེམས་ཉིད་རྫོང་སོགས་མཚོ་སྔོན་པོའི་མཐའ་གྱི་རྫོང་ཁག་བདུན་གྱི་རྟ་ཐོན་ཡོད་པ་མ་ཟད།འགྲན་བསྡུར་རྣམས་གྲངས་ལ་རྒྱལ་ཁབ་རིམ་པའི་ཚད་ལྡན་གྱི་སྨི་སྟོང་གཅིག་ཅན། སྨི་སྟོང་གསུམ་ཅན། སྨི་སྟོང་ལྔ་ཅན་སོགས་མང་པོ་ཡོད། ཉེ་བའི་ལོ་འགའི་རིང་རྐང་ཚ་རྫོང་གི་སྔར་ལྷག་པའི་སྒོ་ནས་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། རྫོང་རིག་གནས་ཡུལ་སྐོར་ཅུའུ་སོགས་ཀྱིས་རྐང་ཚའི་གནས་སྐོར་འཛུགས་སྐྲུན་ཐབས་ཇུས་ལག་ལེན་མཐར་ཕྱིན་དང་རིག་གནས་གནས་སྐོར་ཐོན་ཁུངས་སྔོག་འདོན་དྲིལ་སྒྲོག་བྱས་སྟེ། དམངས་ཁྲོད་རིག་གནས་དང་གནས་སྐོར་ཐོན་ཁུངས་ཀྱི་མི་རིགས་རང་བཞིན་དང་ཁྱད་འཕགས་རང་བཞིན། ཕུལ་བྱུང་གི་མི་རིགས་རིག་གནས་དར་སྤེལ་དང་རིག་གནས་གནས་སྐོར་ལ་སྐུལ་འདེད་བྱས་ནས་མཉམ་ལས་བརྗེ་རེས་ཀྱི་སྟེགས་བུ་བསྐྲུན་པ་དང་རྫོང་མཁར་འཕེལ་རྒྱས་ཀྱི་གོ་སྐབས་རྒྱ་བསྐྱེད་དེ་བོད་མཁར་རྐང་ཚའི་མི་རིགས་རིག་གནས་སྔར་ལས་གཏིང་ཇེ་ཟབ་དང་རྨང་གཞི་བརྟན་པོ་བཙུགས་ཡོད།། 


 

བོད་མཁར་རྐང་ཚའི་རྟ་རྒྱུག་ར་བ།


ཀྲུའུ་ཞི་སྟེགས་བུ་ན་བཞུགས་པའི་འགོ་ཁྲིད་ཚོས་རྟ་རྒྱུག་ལ་གཟིགས་པ།

 


མདའ་བཞིའི་སྐྱ་རྩལ་ཚོགས་པས་རྟ་རྒྱུག་མཛད་སྒོའི་སྟེང་སྐྱ་རྩལ་མངོན་པ།


སྐྱ་རྩལ་པས་རྟ་ཐོག་ནས་ཁ་བཏགས་ལེན་པ།


རྟ་རྒྱུག་ར་བའི་ཟུར་ཞིག


དྲང་བཞག་དགོས་རྟ་མགོ་སྒྲིགས་པ།


བསྐྱར་འགྲན་བྱེད་པའི་རྒྱུག་རྟའི་སྐོར་ཁག།


བསྐྱར་འགྲན་བྱེད་པའི་གོམ་རྟའི་སྐོར་ཁག།


རྒྱ་ཆེ་བའི་ལྟད་མོ་བ།

 

རྒྱུག་རྟ་རྟིང་རྩོད་བྱེད་པའི་ཡུལ་དངོས།

གོམ་རྟ་རྟིང་རྩོད་བྱེད་པའི་ཡུལ་དངོས།

 


མི་ཚོགས་གི་འཚང་ཁ་ཤིག་ཤིག་གིས་རྟ་རྒྱུག་ལ་ལྟ་བ།

 



རྒྱུག་རྟའི་རྟ་བདག་ཚོས་བྱ་དགའ་ལེན་པ།


གོམ་རྟའི་རྟ་བདག་ཚོས་བྱ་དགའ་ལེན་པ། 

 

ཐེངས་འདིའི་རྟ་རྒྱུག་འགྲན་བསྡུར་གྱི་ལས་སྒྲུབ་མི་སྣ།


བྱ་དགའ་གནང་རྗེས་ཀྱི་རྐང་ཚའི་རྟ་རྒྱུག་ར་བ།

 
 

 

རྩོམ་སྒྲིག་པ། ཚེ་དབང་རིག་འཛིན། པར་ལེན་པ། བཀྲ་ཤིས་དོན་འགྲུབ། ཚེ་དབང་རིག་འཛིན།

相 关 链 接
བོད་མཁར་རྐང་ཚའི་སྐབས...2017/7/12
སྐབས་བདུན་པའི་ཚངས་དབ...2017/7/6
རྐང་ཚ་རྫོང་ཉ་གཟིགས་ས...2017/7/5