您的位置:首页 > 神奇刚察
སྐབས་བདུན་པའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཆེད་བསྒྲིགས་སྤྲོ་ཚོགས་ཆེན་མོ།
刚察县人民政府:http://www.qhgc.gov.cn    来源:县新闻中心    创建时间:2017/7/6 17:07:47    

རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་གཅིག་པའི་ཆུ་ཕག(1683)ལོར་མོན་ལ་འོག་ཡུལ་གསུམ་དུ་སྐུ་འཁྲུངས། དགུང་ལོ་བཅོ་ལྔ་པ་རབ་བྱུང་བཅུ་གཉིས་པའི་མེ་གླང(1697)ལོར་རྒྱལ་བའི་གསེར་ཁྲིར་མངའ་གསོལ་མཛད། མཚོ་སྔོན་པོའི་བྱང་བརྒྱུད་ཀྱི་ཡུལ་རྐང་ཚའི་འབྲོག་པ་མང་ཚོགས་ཀྱི་ངག་རྒྱུན་ལྟར་ན།ཚངས་དབྱངས་རྒྱ་མཚོ་ཁོང་ཉིད་ད་ལྟའི་རྐང་ཚའི་མངའ་ཁོངས་ཀྱི་མཚོ་སྔོན་པོའི་ཉེ་འགྲམ་གྱི་ཁེ་རམ་ཐང་དུ་དགོང་པ་ཆོས་དབྱིངས་སུ་འཐིམས་སོང་སྐད། དེ་རིང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཆེད་བསྒྲིགས་སྤྲོ་ཚོགས་གནས་འདི་ནས་བསྡུ་བ་ཡང་རྒྱུ་རྐྱེན་རྟེན་འབྲེལ་དེ་འདྲ་ཞིག་ལ་དམིགས་པ་ཡིན། ཡུལ་འདིའི་མི་དམངས་མང་ཚོགས་ཀྱིས་ཁོང་ཉིད་ལ་རྗེས་དྲན་བྱེད་ཆེད་དུ། ལོ་རེ་ ལུགས་རྙིང་གི་དབྱར་ཟླ་དྲུག་པའི་ནང་དུ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཆེད་བསྒྲིགས་སྤྲོ་ཚོགས་ཆེན་མོ་ཟེར་བ་ཞིག་བསྡུ་བཞིན་ཡོད།  འདི་ལ་བོད་ཁུལ་གྱི་གླུ་བ་གླུ་མ་མིང་གྲགས་ཅན་དང་སྙན་ངག་གྱེར་འདོན་པ་གང་མང་གདན་འདྲེན་ཞུས་པ་བརྒྱུད་ཉམས་རྒུད་དུ་འགྲོ་བཞིན་པའི་བོད་ཀྱི་ལོ་རྒྱུས་རིག་གནས་ཤུལ་བཞག་མྱུར་སྐྱོབ་བྱེད་པ་དང་།  སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་དུ་གཏོང་བ།  ཐུན་མོང་མ་ཡིན་པའི་རྐང་ཚའི་ཡུལ་སྐོར་ཐོན་ལས་སྔོག་འདོན་བྱེད་པ།  ས་གནས་སྤྱི་ཚོགས་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་པར་ཡར་སྐུལ་བྱེད་པ།  ས་གནས་མང་ཚོགས་ཀྱི་རིག་གནས་སྤྲོ་གསེང་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ཀྱི་ཆེད་དུ། བོད་མི་རིགས་ཀྱི་སྲོལ་རྒྱུན་གླུ་གར་གྱི་ཁྱད་ཆོས་གནས་འདི་ན་མངོན་པར་བྱས་ཡོད། 

 

ཚངས་དབྱངས་མགུར་གླུ་འཕྱོ་བའི་གདན་ས།


ཚངས་དབྱངས་མགུར་གླུ་འཕྱོ་བའི་གདན་ས།


མགུར་གྱི་དབྱངས་ལ་དད་པའི་མི་ཚོགས། 


མདོ་འཛིན་པའི་བྱེད་པའི་ཡུལ་དངོས།

 

ས་གནས་མགོ་ཁྲིད་ཀྱི་གཞས་ལ་ཉན་བཞིན་པ།


གཉན་པོ་གཡུ་རྩེའི་བུ་རྒྱུད་གླུ་བ་ཤེར་བསྟན།


གངས་རིའི་སྐར་རྒྱན་གླུ་མ་རིག་འཛིན་སྒྲོལ་མ།


མགོ་ལོག་གླུ་བ་རྒྱ་མཚན།


ཉི་མའི་བུ་རྒྱུད་གླུ་བ་ནམ་མཁའ།

 

རྨ་འབྲི་དབྱངས་ཀྱི་སྲས་མོ་གླུ་མ་དབྱངས་ཅན་ལྷ་མཛེས།


མཚོ་བྱང་གླུ་བ་རིག་ལྡན།


ངག་གི་ཕོ་ཉ་གླུ་མ་ཚེ་རིང་ལྷ་མོ།


གླུ་བ་རྡོ་རྗེ་བཀྲ་ཤིས་ཀྱི་སྙན་མོ་ངག་གི་འགྱུར་ཁུགས །


གླུ་མ་མདོ་བ་ཚེ་སྐྱིད།


གླུ་བ་ཚེ་རིང་དོན་འགྲུབ།


གླུ་མ་དབང་སྒྲོན་མཚོ།


མཚོ་བྱང་གླུ་བ་རྡོ་རྗེ་ཚེ་བརྟན།


མདའ་བཞིའི་གླུ་བ་སྤུན་གསུམ།


གྱེར་འདོན་པ་ཞོ་ཀོས་ལིན།


གླུ་བ་བློ་བཟང་རྒྱ་མཚོ།


བོད་མཁར་རྐང་ཚའི་གླུ་བ་ཁྲོ་རྒྱལ།


དབྱངས་ལ་མཆོད་པའི་ལྷ་དར།


ལྟད་མོ་བའི་ཟུར་ཞིག


 

དབྱངས་ལ་ཟུག་པའི་རྣམ་ཤེས།


ལྟད་མོ་བ།


ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཆེད་བསྒྲིགས་སྤྲོ་ཚོགས་ཆེན་མོ་མཇུག་སྒྲིལ་བ།

རྩོམ་སྒྲིག་པ། བཀྲ་ཤིས་དོན་འགྲུབ།  པར་ལེན་པ། མགོན་པོ་དོན་འགྲུབ། ཚེ་དབང་རིག་འཛིན།

相 关 链 接
སྐབས་བདུན་པའི་ཚངས་དབ...2017/7/6
རྐང་ཚ་རྫོང་ཉ་གཟིགས་ས...2017/7/5
མདོ་ཁམས་ཡུལ་གྱི་རྡུང...2017/6/20