您的位置:首页 > 神奇刚察
མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་སྡུར་སྐབས་དྲུག་པ་རྐང་ཚ་ནས་སྤེལ།
刚察县人民政府:http://www.qhgc.gov.cn    来源:    创建时间:2017/6/20 15:01:16    

རས་གཞིའི་སྟེང་གི་སྒྱུ་རྩལ་གསོན་པོ།


གར་སྟེགས་སྟེང་གི་མདོ་འཛིན་པའི་ཉམས་།


དཔྱད་འདེམས་པའི་སེམས་ཞིབ་མོས་ཉན་པ།


འགྲན་ཞུགས་རྡུང་ལེན་པའི་ཉམས་འགྱུར།


རྐང་ཚའི་རྡུང་ལེན་པ་སྟག་འགྱུར་ལ་བསྐྱར་འགྲན་དཔག་ཡིག་ཐོབ་པ།


གླུ་ཚིག་རྩོམ་པ་པོ་འབྲུག་ལྷ་རྒྱལ་གྱིས་དཔག་ཡིག་གནང་བཞིན་པའི་ཚུལ།


རྐང་ཚའི་རྡུང་ལེན་པ་ཀླུ་དབང་རྒྱལ་ལ་བསྐྱར་འགྲན་དཔག་ཡིག་ཐོབ་པ།


འཚངས་ཁ་ཤིགས་ཤིག་ལྟད་མོ་བ།


བདམས་ཐོན་བྱུང་བའི་རྡུང་ལེན་པ་དག


མདོ་ཁམས་ཡུལ་གྱི་སྐབས་དྲུག་པའི་མཚོ་བྱང་དང་མཚོ་ནུབ་འགྲན་ཁུལ་གྱི་རྡུང་ལེན་འགྲན་སྡུར་སྤྱི་ལོ་༢༠༡༧ལོའི་ཟླ༦པའི་ཚེས༡༦ཉིན་གྱི་ཕྱི་དྲོར། བོད་མཁར་རྐང་ཚའི་འཁྲབ་སྟོན་ལྟེ་གནས་ནས་དངོས་སུ་མགོ་བརྩམས་ཤིང་། ལྟད་མོ་བའི་འཚངས་ཁ་ཤིགས་ཤིག་གི་འདུ་འཛོམས་དང་། རྡུང་ལེན་པའི་སྙན་འཇེབས་སྟོང་ལྡན་གྱི་དབྱངས་འགྲོས་ཁྲོད། རྒྱུ་འབྲས་ལ་ཡིད་རྟོན་དང་དྲང་བདེན་ལ་དང་དོད་ཆེ་བའི་དཔྱད་འདེམས་པ་ཚོས་དཀའ་བ་ཁྱད་དུ་བསལ་ཞིང་ངལ་བ་དང་དུ་བླངས་ནས། ཐེངས་འདིའི་འགྲན་ཞུགས་རྡུང་ལེན་པ་དག་བདམས་ཐོན་བྱུང་སྟེ་འགྲན་ཚོགས་ཆེན་མོ་དེ་ད་ལྟ་རྒྱལ་ཁའི་ངང་མཇུག་སྒྲིལ། སྐབས་འདིའི་འགྲན་སྡུར་གྱིས་བོད་མཁར་རྐང་ཚའི་ཐུན་མོང་མ་ཡིན་པའི་འཛུགས་སྐྲུན་དང་ཡུལ་སྐོར་ལྗོངས་རྒྱུ། སྐྱེ་ཁམས་ཁོར་ཡུག་སོགས་མདོར་ན་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་གཉིས་འཆམ་མཐུན་ངང་འཚོ་བའི་ཡིད་འོང་གི་སྣང་བརྙན་རེ་རེ་ཁོ་ཚོའི་བརྙན་མིག་ལ་བརྒྱུས་ནས་བོད་ཁམས་ཡོངས་ལ་ཁྱབ་པར་བྱས་པ་མ་ཟད། མ་འོངས་པའི་རྐང་ཚ་ནི་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་བྱས་རྗེས་བླ་ན་མཐོ་བའི་ཤེས་རིག་གི་ཞིང་ཁམས་ཤིག་དང་འཆམ་མཐུན་གྱི་དག་ཞིང་ཞིག་ཏུ་འགྱུར་བར་ཡིད་ཆེས་བསྩལ།

 

                                  རྩོམ་སྒྲིག་པ། ཚེ་དབང་རིག་འཛིན།

                                 པར་ལེན་པ། ཚེ་དབང་རིག་འཛིན།

相 关 链 接
བོད་མཁར་རྐང་ཚའི་ན་གཞ...2017/9/22
རྐང་ཚའི་རྒད་པོ་འཇིགས...2017/9/22
辉煌新成就喜迎十九大——系列报道之七(创...2017/8/25