您的位置:首页 > 神奇刚察
མཚོ་འཁྱིལ་ཤང་གི་དབུལ་ཐར་ཕྱུགས་འགྱུར་གྱི་་བྱ་བའི་གྲུབ་འབྲས །
刚察县人民政府:http://www.qhgc.gov.cn    来源:新闻中心    创建时间:2017/6/19 11:21:42    

ཉེ་བའི་ལོ་འགའི་ནང་། གནད་འཁེལ་དབུལ་སྐྱོར་བྱ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་པ་བརྒྱུད། རྐང་ཚ་རྫོང་མཚོ་འཁྱིལ་ཤང་ཏང་ཨུ་དང་སྲིད་གཞུང་། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་གླེང་མོལ་བྱས་ཏེ། སྲིད་ཇུས་སྣ་ཚོགས་ལག་བསྟར་བྱེད་པའི་གནས་ཚུལ་དང་། དབུལ་ཕོངས་ཁྱིམ་ཚང་གི་ཐོན་སྐྱེད་འཚོ་བའི་གནས་བབ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། མང་ཚོགས་ཀྱིས་དབུལ་སྐྱོར་སྲིད་ཇུས་ལ་རྒྱུས་ལོན་བྱས་པའི་གནས་ཚུལ་དང་། དེ་ལག་བསྟར་བྱེད་པའི་གནས་ཚུལ་ཐད་ནས་ཡུལ་དངོས་རྟོག་ཞིབ་བྱས་པ་མ་ཟད། མཚོ་འཁྱིལ་ཤང་ཏང་ཨུ་ཧྲུའུ་ཅུ་ལིས་བན་ལུའུ་ཡིས་བཤད་རྒྱུར་མིག་སྔར་མཚོ་འཁྱིལ་ཤང་གི་སྡེ་བ་དྲུག་གི་དབུལ་ཐར་ཕྱུག་འགྱུར་གྱི་བསམ་བློའི་ཀུན་སློང་ཕྱུགས་ལ། མ་འོངས་འཕེལ་རྒྱས་ཀྱི་ལམ་ཁར་ཞུགས་པའི་འདུན་མ་སྔར་ལས་ལྷག་པ་མ་ཟད། ཁོ་ཚོས་དུས་རྒྱུན་དབུལ་ཐར་མཁྲེགས་ཏོར་གྱི་བྱ་བ་དམིགས་སུ་བཟུང་ནས། ནུས་ཤུགས་ཡོད་དགུས་ཤང་ཡོངས་ཀྱི་གནད་འཁེལ་དབུལ་སྐྱོར་གྱི་ལས་དོན་ལ་གྲུབ་འབྲས་ལོན་པར་རེ་སྒུག་དང་འབད་འབོངས་བྱ་བཞིན་ཡོད། གཞན་མཚོ་འཁྱིལ་ཤང་གིས་དབུལ་ཕོངས་ཁྱིམ་ཚང་ལ་རྟིང་སྐུལ་དང་ཁོ་ཚོའི་འཕེལ་རྒྱལ་ལ་སེམས་ཤུགས་འདོན་ཕྱིར། སྡེ་བ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་ལས་དབུལ་ཐར་མིག་དཔེ་ཁྱིམ་ཚང་དྲུག་བདམས་ནས་མ་མོ་བཅུ་ཡི་བྱ་དགའ་གནང་།  བྱ་དགའ་དེ་ནི་ཁོ་ཚོ་དབུལ་ཐར་བྱུང་བའི་སྐུལ་ལྕག་དང་དཔལ་འབྱོར་ཐོན་སྐྱེད་ཀྱི་རྨང་ཞིག་ཏུ་བཏང་ཆོག འདི་ནི་མཚོ་འཁྱིལ་ཤང་གི་གཞན་དང་མི་མཚུངས་བའི་བྱེད་ཐབས་དང་ཁོ་ཚོས་དབུལ་ཐར་མཁྲེགས་ཏོར་བྱ་བར་འབད་བརྩོན་བྱས་པའི་གྲུབ་འབྲས་སུ་རློམ་ཆོག 

སྔོན་ཆད་ཁྱིམ་ཚང་འདི་དག་ནི་ཕྱུགས་ཟོག་མེད་པ་དང་རྩྭ་ས་ཆུང་བ། ངལ་རྩོལ་མི་སྣ་མེད་པ་དང་ནད་རིགས་ཀྱི་བར་ཆད། སློབ་མ་མང་བ་སོགས་རྒྱུ་རྐྱེན་གྱིས་ཁྱིམ་ཚང་དབུལ་ཕོངས་སུ་གྱུར་བ་མ་ཟད་དབུལ་ཐར་གྱི་ལམ་ཁ་ཞིག་གཞི་ནས་རྙེད་མ་བྱུང་། ཏང་གི་གནད་འཁེལ་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད་ཁོ་ཚོའི་འཚོ་བ་གསར་བ་ཞིག་གི་འགོ་ཚུགས་ཐུབ་བྱུང་བ་མ་ཟད། ཤང་ཏང་ཨུ་དང་སྲིད་གཞུང་གི་རོགས་སྐྱོར་དང་ཐུགས་ཁུར་འོག ལས་གཞིའི་མ་དངུལ་བརྩོན་ལེན་བྱས་ནས་ཁང་བ་མེད་པ་ནས་ཡོད་པ་དང་། སྨན་བཅོས་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་ནས་སྨན་བཅོས་ལེགས་པོ་བྱས་པ་དང་སྨན་རིན་ཉུང་དུ་བཏང་བ འཁོར་རྒྱུགས་མ་མོ་བགོས་བ་དང་རྩྭ་སའི་བྱ་དགའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་པ་སོགས་ཀྱིས་དབུལ་ཕོངས་ཁྱིམ་ཚང་འདི་དག་དབུལ་བོ་ནས་དབུལ་ཐར། དབུལ་ཐར་ནས་ཕྱུགས་པོར་གྱུར་བའི་རྣམ་པ་དངོས་བྱུང་བ་འདི་ནི་རྒྱལ་ཁབ་ཀྱི་རོགས་རམ་ལས་མ་འདས་ལ། ཁོ་ཚོས་བཤད་རྒྱུར་རྒྱལ་ཁབ་ཀྱི་རོགས་རམ་བྱས་པར་ཡིད་ཚིམས་ཡོད་ལ་ད་ནི་དབུལ་ཁྱིམ་གཞན་པར་རོགས་བྱས་དང་བསམ་འཆར་མེད་ཅེས་སྲིད་ཇུས་ལ་རྒྱུས་ལོན་ཡོད་པ་དང་བྱམས་སེམས་ནི་ཀུན་ལ་མཁོ་བ་ཞིག་ཡིན་པ་ཤེས་ཡོད། སྐད་ཆ་དེའི་མཚོ་འཁྱིལ་ཤང་གི་དབུལ་ཐར་མཁྲེགས་ཏོར་བྱ་བར་ལག་ལེན་དོན་འཁྱོལ་བྱས་ཡོད་པ་མཚོན་ཐུབ་པར་མ་ཟད། ཁོ་ཚོའི་དབུལ་ཐར་ཕྱུགས་འགྱུར་ལ་སྔར་ལས་ལྷག་པའི་གྲུབ་འབྲས་བླ་ལྷག་བླངས་ཡོད། 

མཚོ་འཁྱིལ་ཤང་གི་ཏང་ཨུ་ཧྲུའུ་ཅུ་ལིས་བན་ལུའུ་ལ་བཅར་འདྲི་བྱེད་པ།


ཞིན་ཆོན་སྡེ་བའི་དབུལ་ཐར་ཁྱིམ་ཚང་ཧྲི་ཡན་ཡོན་གྱི་སྔོན་གྱི་སྡོད་ཁང་།


ཧྲི་ཡན་ཡོན་ལ་ལས་གཞིའི་མ་དངུལ་བརྩོན་ལེན་བྱས་ནས་སྐྲུན་པའི་ཁང་གསར།


དབུལ་ཐར་མིག་དཔེ་དུད་ཁྱིམ།


ལས་བྱེད་མི་སྣ་ཨ་ཡེ་སྒྲོལ་རིལ་ཚང་ལ་འཛོམས་པ།


ཆོས་རྗེ་སྡེ་བའི་ཨ་ཡེ་སྒྲོལ་རིལ་ཚང་གི་ཅ་ལག་གསར་བ།


ཧྲུའུ་ཅི་ལིས་བན་ལུའུ་ཡིས་སེམས་ཞིབ་མས་ཁ་བརྡ་བྱེད་པ།


མཚོ་འཁྱིལ་ཤང་དང་སྡེ་དམངས་ཨུ་ཡོན་གིས་ང་ལ་རྒྱབ་སྐྱོར་དང་རོགས་རམ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ།


ཡག་མོ་སྡེ་བའི་མགོན་ཐར་རྒྱལ་གྱི་སྔོན་གྱི་སྡོད་ཁང་།


ཡག་མོ་སྡེ་བའི་མགོན་ཐར་རྒྱལ་གྱི་ཁང་བའི་ནང་གི་བཀོད་པ།


  དབུལ་ཐར་ཁྱིམ་ཚང་གི་ཁང་གསར་གྱི་ཕྱིའི་རྣམ་པ།


བཀྲ་སོག་སྡེ་མི་ཨན་ཆིན་ཀྲིན་གྱི་སྔོན་གྱི་སྡོད་ཁང་།


ད་ལྟ་ཆུ་གློག་ལམ་གསུམ་འཛོམས་ལ་དབུལ་ཕོངས་འཚོ་བར་བྲལ།

 

བཀྲ་སོག་སྡེ་མི་ཨན་ཆིན་ཀྲིན་གྱི་ཁྱིམ་ནང་གི་བཀོད་པ།


ཨན་ཆིན་ཀྲིན་ལ་བགོས་པའི་འཁོར་རྒྱུགས་མ་མོ།


ཉིན་ཞ་སྡེ་བའི་དབུལ་ཐར་ཁྱིམ་ཚང་འབུམ་ལྷ་ཡག་གི་ཁང་བ།


འབུམ་ལྷ་ཡག་གི་ཁྱིམ་ནང་གི་ལས་ཀ་ཙག་ཙིག


ལས་བྱེད་མི་སྣས་དབུལ་ཐར་བྱུང་བའི་རྒྱུད་རིམ་ལ་རྒྱུས་ལོན་བྱེད་པ།



ཉྭ་ནག་སོ་མ་སྡེ་བའི་མགུ་ཐེ་ཚང་གི་ཁང་གསར།


 

དབུལ་ཐར་ཁྱིམ་ཚང་གི་ཁྱིམ་ནང་གི་དེང་རབས་ཅན་གྱི་ཅ་ལག་གསར་བ།


ཉྭ་ནག་སོ་མ་སྡེ་བའི་མགུ་ཐེ་དབུལ་ཐར་བྱུང་རྗེས་བྱ་གླིང་དུ་ཁྱིམ་ཚང་མགྲོན་ཁང་ཕྱེ་ནས་མ་འོངས་དཔལ་འབྱོར་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་སྐུན་པ།

 

རྩོམ་སྒྲིག་པ། ཚེ་དབང་རིག་འཛིན། པར་ལེན་པ་ཚེ་དབང་རིག་འཛིན།


 
 

相 关 链 接
མདོ་ཁམས་ཡུལ་གྱི་རྡུང...2017/6/20
མཛེས་པའི་ཕ་ས་སྐྱིད་ས...2017/6/19
ལ་གཞས་ཀྱི་ཁྱད་ཆོས་ཅུ...2017/6/19